Wednesday, August 4, 2021

སྲུང་།

 ཕྱི་རུ་གཅིག་འབདཝ་ད་ ཨ་པ་གིས་གླང་ཧྲིལ་བུམ་ཅིག་དམར་གསད་འབད་ཞིནམ་ལས་ ལྕགས་ཁྲམ་གུར་ལེགས་ཤོམ་འབད་བསྲེག་སྟེ་ ཁོ་རང་གི་བུ་ཅིག་ཡོད་མི་འདི་ལུ་ ཕྱི་རུའི་ཚོགས་སྟོན་གྱི་དོན་ལས་ ཆ་རོགས་དང་ཁྱིམ་ཚང་ཚུ་ མགྱོནམ་འབོ་བ་གཏང་ཡོདཔ་ཨིན་མས།

བུ་འདི་གིས་ ཁྲོམ་ཁར་ལས་ཕར་སོང་གཞིནམ་ལས་ མི་ཚུ་ལུ་དབའེ་་་་ད་རིས་ངའི་་ཨ་པ་གི་ཁྱིམ་ མེ་གི་འཚིག་སྡོད་ ཆ་རོགས་འབད་གནང་ཟེར་སླབ་ནུག

དུས་ཡུན་ཐུང་ཀུ་ཅིག་རྒྱབ་ལས་ མི་དག་པ་ཅིག་གི་ཆ་རོགས་འབད་བ་ལྷོད་ཡོདཔ་ཨིན་མས་ ཨིན་རུང་མང་སུ་ཅིག་གི་རང་ཆ་རོགས་འབད་ནི་ལུ་ཉན་ཁུག་མ་བཏབ་ཨིན་མས། དེ་ལས་བུ་འདི་གི་ཁོང་ཚུ་ཁྱིམ་ནང་འཁྱིད་དེ་ ཤ་དང་བཟའ་འཐུང་ཚུ་ མངས་རབ་ཅིག་བྱིན་ཡོདཔ་ཨིན་མས། དེ་ཅིག་གི་བར་ན་ ཨ་པ་གི་དེ་འབད་སླབ་ནུག་ ད་རིས་ ན་འོང་མི་ཚུ་ག་སྨོ། ང་གི་ངོ་ཤེསཔ་དང་སྤུན་ཆ་ཚུ་འདིན་མེན་པས་ ང་གི་སྔོན་ལས་མ་འཐོང་མི་ཚུ་ཨིན་མས་ཏེ་ ཟེར་བའི་ལན་ལུ་ ད་རིས་ཁོང་ཚུ་ ན་འོང་མི་འདི་ ཟས་སྟོན་ནང་འོངམ་མེན་ འདི་ཚུ་ང་བཅས་ལུ་མེ་གསད་ནིའི་ ཆ་རོགས་འབད་བ་འོང་འོངམ་ཨིན་ཟེར་ སླབ་པའི་ཤུལ་ལས་ གོང་གི་ལོ་རྒྱུད་ཚུ་བཤད་དེ་ དེ་རིས་ང་བཅས་ཚུ་གི་བྱམས་སྐྱོང་དང་མགྲོན་སྐྱོང་འབད་དགོ་པའི་མི་ འདི་བཟུམ་ཚུ་ཨིན་ཟེར་སླབ་ནུག་དགོ

དཔང་དབང་དང་གཏམ་རྒྱུད་༴ ཨཕ་རི་ཀའི་གཏམ་རྒྱུད།



No comments:

Post a Comment

Short transcription on Dasho's speech.

  “Road to success”   Succinct notes on Dasho Chewang Rinzen’s speech at the College of Language and Cultural Studies.   ·         H...